From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| བྱིང་བ་ཕྲ་མོ
|
| Tibetan Definition
|
(ཕར་ཕྱིན) 1 དམིགས་པའི་འཛིན་སྟངས་མ་ཤོར་བའི་གནས་ཆ་དང་གསལ་ཆ་ཡོད་ཀྱང༌། འཛིན་སྟངས་ཀྱི་ཤུགས་ལྷོད་ནས་གསལ་ཆའི་ངར་མེད་པ་ནི་བྱིང་བ་ཕྲ་མོའོ། །ངར་མེད་པ་ཞེས་པ་ནི། གནས་ཆ་ཡོད་པ་ལ་སེམས་ལྷོད་ཤིག་གེ་བར་སོང་བ་ལ་ཟེར། གསལ་ཆའི་ངར་དང་ལྡན་པ་ནི་དམིགས་རྟེན་ལ་སེམས་གྲིམས་སེང་ངེར་གནས་པ་དེ་ཡིན། གནས་ཆ་དང་གསལ་ཆ་དང་གསལ་ཆའི་ངར་ཡོད་མེད་ནི་དཔེར་ན་ལག་པས་འཕྲེང་བ་དང་ཕོར་པ་སོགས་འཛིན་པ་ན་ལྷོད་པོ་དང་དམ་པོར་བཟུང་བའི་ཁྱད་ཡོད་པ་བཞིན་ནོ། །གསལ་ཆ་དང་དྭངས་ཆ་ནི། ཡུལ་ལ་མི་བྱེད་པར་ཡུལ་ཅན་ཤེས་པ་ལ་གསལ་ཆའམ་དྭངས་ཆ་ཡོད་མེད་ལ་བྱ་དགོས་པ་ནི་རྗེའི་དགོངས་པའོ། །པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་དྲིས་ལན་བློ་བཟང་བཞད་སྒྲ་ལས་ཀྱང༌། ཏིང་འཛིན་གཡོ་མེད་བསྐྱངས་པའི་ཚེ། །ཅུང་ཟད་དམིགས་པའི་ངར་ཤོར་ན། །བྱིང་བ་ཕྲ་མོས་ཟིན་པ་ཡིན། །ཞེས་གསུས་པ་ལྟར་རོ། །2 (བཀའ་བརྒྱུད) གསལ་ཆ་ཡོད་ཀྱང་འཛིན་སྟངས་ཀྱི་ཤུགས་ཞན་པ་ཞེས་འབྱུང༌།
|