From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བྱིན་ཕྲོགས་ཀྱི་སྤང་པ
|
Tibetan Definition
|
(འདུལ་བ) སྤང་ལྟུང་སུམ་ཅུའི་ཉེར་ལྔ་པ། བྱིན་ཕྲོགས་ཀྱི་སྤང་པའི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་གོས་སམ་ལྷུང་བཟེད་དེ་གཞན་དབང་བ་ལ་རང་ཉིད་དབང་བར་འདུ་ཤེས་འཁྲུལ་བས་རྐུ་སེམས་མེད་པར་འཕྲོགས་ཏེ་ཐོབ་བློ་སྐྱེས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །འདི་ལ་འཕྲོག་པའི་སྤང་པ་ཡང་ཟེར། གླེང་གཞི་ནི། མཉན་ཡོད་དུ་དགའ་པོས་ཆོས་གོས་བྱིན་འཕྲོག་བྱས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི། རང་རིགས་ཀྱི་ལོངས་སྤྱོད་ལ་གནོད་པ་དང་། མ་བྱིན་ལེན་པའི་རྒྱུར་འགྲོ་བའོ། །
|