From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད
|
Tibetan Definition
|
(འདུལ་བ) འབའ་ཞིག་པ་དགུ་བཅུའི་སོ་དགུ་པ། བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་བྱིན་ལེན་འཇུག་པའི་ཟས་ལ་རང་ངམ་རང་དང་ཆོ་ག་གཅིག་པའི་བྱིན་ལེན་དང་མི་ལྡན་པ་ཁམ་གཅིག་ཡན་ཆད་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། ལུང་ལས་མཉན་ཡོད་དུ་དྲུག་སྡེས་བྱིན་ལེན་མ་བྱས་པར་ཟ་བར་བྱད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་མ་བྱིན་པར་ལེན་པའི་རྒྱུར་འགྱུར་བ་དང་། ཟས་བཀག་པ་ལ་ལོངས་སྤྱོད་པའི་རྒྱུར་འགྱུར་བ་སྟེ། སྒྲ་མི་སྙན་དུ་ལྟུང་བ་མེད་པར་གསུངས་པ་དང་། ཟས་ལ་དཔང་པོར་འགྱུར་རོ་ཞེས་གསུངས་པས་སོ། །བྱིན་ལེན་བྱས་ཏེ་བཟའ་དགོས་པའི་རྒྱུ་མཚན་ནི། ཟས་དེ་གཞན་གྱིས་བྱིན་ནས་ཟོས་ན། དགེ་སློང་དེས་མི་ཤ་ཟོས་སོ་ཞེས་པ་ལྟ་བུས་སྐུར་འདེབས་མི་འབྱུང་བའི་དོན་དུ། བྱིན་ལེན་བྱས་ཏེ་བཟའ་དགོས་པའི་བཅས་པ་བཅས་སོ། །ལུང་རྣམ་འབྱེད་༼ ཇ ༽༡༥༦ན༥ ལས། འདི་ལྟར་ཐམས་ཅད་དུ་འཕགས་པ་ནག་པོ་ཆེན་པོ་མི་ཤ་གསོལ་ཞེས་སྒྲ་གྲགས་པར་གྱུར་ཏོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྙམ་དུ་དགོངས་ཏེ། ཉེས་དམིགས་ནི་གང་ཅུང་ཟད་བྱུང་བ་དེ་ནི་དགེ་སློང་དག་བྱིན་ལེན་བྱེད་དུ་མ་བཅུག་པར་ཟ་བ་ལས་གྱུར་པ་ཡིན་པས་དེ་ལྟ་བས་ན། དགེ་སློང་རྣམས་ཀྱིས་བྱིན་ལེན་བྱེད་དུ་བཅུག་སྟེ་ཟ་ན་དེ་ཉིད་དཔང་པོར་འགྱུར་རོ་སྙམ་དུ་དགོངས་ནས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་བྱིན་ལེན་བྱེད་དུ་བཅུག་སྟེ་བཟའ་བར་བྱའོ། །ཞེས་གསུངས་སོ། །
|