5927

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱིའུ་མགོ་སྔོན
Tibetan Definition (བློ་སྦྱོང) ལྟས་ངན། སྔ་ལྟས་ངན་པ། དཔེར་ན་གྲོང་དུ་འཁོར་བའི་བྱིའུ་ཆུང་ངུ་འདི་ལ་མགོ་མདོག་སྔོན་པོ་མི་སྲིད་པས། གལ་སྲིད་དེ་འདྲ་ཞིག་ཡོད་ན་ཐམས་ཅད་ཀྱིས་ལྟས་ངན་དུ་བྱེད་པ་ལྟ་བུའོ། །ཞེས་བཤད་པ་ལྟར་རོ། །བློ་སྦྱོང་ཉི་མའི་འོད་ཟེར་ལས། ཕྱི་དགྲ་དང་ནང་འཁྲུག་འདི་ཕྱིའི་གནོད་པ་ཐམས་ཅད་འབྱུང་བའི་སྔ་ལྟས་ལྟས་ངན་བྱིའུ་མགོ་སྔོན་ལྟ་བུ་དེ་རང་གཅེས་འཛིན། གཞན་ཡལ་བར་འདོར་བའི་བློར་ཤེས་པར་བྱས་ལ། ཞེས་གསུངས་པ་ལྟར་རོ། །