5946

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱེ་བ་ཁྲག་ཁྲིག
Tibetan Definition གྲངས་གནས་བཅུ་གཉིས་པ་ཁྲག་ཁྲིག་ཅེས་པ་དང་དོན་གཅིག འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། བྱེ་བ་ཁྲག་ཁྲིག་ཅེས་བྱ་བ་ནི་བྱེ་བ་ཁྲག་ཁྲིག་སྟེ། གྲངས་ཀྱི་ཚད་གནས་བཅུ་གཉིས་པའོ། །ཞེས་གསུངས་པ་ལྟར་རོ། །གཤམ་གྱི་གྲངས་གནས་ལ་གཟིགས་ན་ཤེས་པར་འགྱུར། གྲངས་གནས་ཕྱི་མ་ཕྱི་མ་རྣམས། སྔ་མ་སྔ་མ་ལས་བཅུ་འགྱུར་གྱི་མཐོ་བའམ་མང་བ་ཡིན། ༡ གཅིག ༢ བཅུ། ༣ བརྒྱ། ༤ སྟོང་། ༥ ཁྲི། ༦ འབུམ། ༧ ས་ཡ། ༨ བྱེ་བ། ༩ དུང་ཕྱུར། ༡༠ ཐེར་འབུམ། ༡༡ ཐེར་འབུམ་ཆེན་པོ། ༡༢ ཁྲག་ཁྲིག (འདི་ལ་བྱེ་བ་ཁྲག་ཁྲིག་ཅེས་ཀྱང་ཟེར)