595

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱིམ་སུན་འབྱིན་པའི་ལྷག་མ
Tibetan Definition (འདུལ་བ) ལྷག་མ་བཅུ་གསུམ་གྱི་བཅུ་གཉིས་པ། ཁྱིམ་སུན་འབྱིན་པའི་ལྷག་མའི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་ཁྱིམ་སུན་ཕྱུང་སྟེ་དགེ་འདུན་གྱིས་བསྐྲད་པ་ན་དགེ་འདུན་ལ་སྐུར་པ་འདེབས་པ་དེ་བཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་མི་གཏོང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་ནབ་སོ་དང་འགྲོ་མགྱོགས་ཀྱིས་ཁྱིམ་སུན་ཕྱུང་སྟེ་དགེ་འདུན་གྱིས་བསྐྲད་པ་ན་དགེ་འདུན་ལ་སྐུར་པ་འདེབས་པ་དེ་བཟློག་ཀྱང་མི་གཏོང་བ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་ཁྱིམ་པའི་སྡིག་རྐྱེན་བྱས་པས་ཁྱིམ་པ་ལ་གནོད་པ་དང་དགེ་འདུན་ལ་སྐུར་པ་བཏབ་པས་དགེ་འདུན་གྱི་ཐུགས་བདེ་བ་ལ་གནོད་ཅིང་། ངག་གི་སྡིག་པ་ཆེན་པོ་འཐོབ་པའོ། །