5964
Jump to navigation
Jump to search
| བྱེ་བྲག་སྨྲ་བ | |
| Tibetan Definition | (ཕར་ཕྱིན) རང་རིག་མི་འདོད་ཅིང་ཕྱི་དོན་བདེན་གྲུབ་ཏུ་འདོད་པའི་ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། བྱེ་བྲག་སྨྲ་བའི་མཚན་ཉིད། དེ་ལ་དབྱེ་ན། ཁ་ཆེ་བྱེ་བྲག་སྨྲ་བ། ཉི་འོག་པ། ཡུལ་དབུས་ཀྱི་བྱེ་བྲག་སྨྲ་བ་དང་གསུམ་ཡོད། སྒྲ་བཤད་ནི། བྱེ་བྲག་བཤད་མཛོད་ཆེན་མོའི་རྗེས་སུ་འབྲངས་ནས་གྲུབ་མཐའ་སྨྲ་བས་ན་དེ་ལྟར་བརྗོད་པའམ་ཡང་ན་དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བས་བྱེ་བྲག་སྨྲ་བ་ཞེས་བརྗོད་པའི་ཕྱིར་རོ། ། |
|---|---|