From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| བྱེ་བྲག་སྨྲ་བའི་རང་རིག་ཁས་མི་ལེན་པའི་རྒྱུ་མཚན
|
| Tibetan Definition
|
དེའི་རྒྱུ་མཚན་མཐར་ཐུག་ནི། ཤེས་པ་རྣམ་མེད་དུ་ཁས་བླངས་པ་ལ་ཐུག་ཅིང་། དེ་ཡང་ཤེས་པས་ཡུལ་འཛིན་པའི་ཚེ་རྣམ་པ་བརྒྱུད་མི་དགོས་པར་རྗེན་པར་གཞལ་ནུས་པའི་རྒྱུ་མཚན་གྱིས་ཡིན་ནོ། །དེ་ལ་བརྟེན་ནས་གཟུགས་དང་གཟུགས་འཛིན་མིག་ཤེས་གཉིས་དུས་མཉམ་པར་ཁས་ལེན་པ་ཡིན་ནོ། །དེ་ཡང་མཁས་གྲུབ་ཆོས་རྗེའི་སྡེ་བདུན་ཡིད་ཀྱི་མུན་སེལ་ལས། བྱེ་བྲག་ཏུ་སྨྲ་བའང་ཤེས་པ་རྣམས་ཀྱི་མྱོང་བ་གསལ་རིག་གི་ཆ་དེ་ལྟ་བུ་ཁས་ལེན་མོད་ཀྱི། འོན་ཀྱང་དེ་རང་རིག་ཏུ་ཁས་མི་ལེན་པ་ཡིན་ལ། དེའི་རྒྱུ་མཚན་ཡང་ཤེས་པ་རྣམ་མེད་དུ་ཁས་ལེན་པས། གཟུང་རྣམ་ཞེས་བྱ་བ་ཅུང་ཟད་ཀྱང་ཁས་མི་ལེན་ལ། དེའི་རྒྱུ་མཚན་གྱིས་ཤེས་པ་རྣམས་ཀྱི་མྱོང་བ་གསལ་རིག་གི་ཆ་རང་རིག་ཏུ་ཁས་མི་ལེན་པ་ཡིན་ཏེ། རིག་བྱ་མེད་པའི་རང་རིག་དང་། མྱོང་བྱ་མེད་པའི་མྱོང་བྱེད་མི་འཐད་སྙམ་དུ་བསམས་པ་ཡིན་ནོ། །ཞེས་གསུངས་སོ། །
|