From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| བྱེད་པ
|
| Tibetan Definition
|
(བརྡ་སྤྲོད) 1 བྱ་བ་བྱེད་བཞིན་པ་ལ་ཟེར། བགྱིད་པ། དཔེར་ན་ལས་ཀ་བྱེད་པ། བཀུར་སྟི་བྱེད་པ། སྲི་ཞུ་བྱེད་པ། གཅེས་སྤྲས་བྱེད་པ། སྡིག་པ་བྱེད་པ་ཞེས་པ་ལྟ་བུ། དུས་གསུམ་ལ་སྦྱར་ན། བྱེད་པ། བྱས་པ། བྱ་བ། བྱོས། 2 བྱེད་པ་པོ་ཕལ་པ་ལ། བྱེད་པ་ཟེར། དཔེར་ན་སྟ་རེ་ལྟ་བུ། 3 ཡི་གེའི་སྒྲ་གདངས་འབྱིན་པའམ་འདོན་པར་བྱེད་པའི་རྒྱུ་ལ། བྱེད་པ་ཟེར། འདི་བརྡ་སྤྲོད་ཀྱི་གཞུང་དུ་གནས་དང་། བྱེད་པ། རྩོལ་བའམ་རླུང་། རྣམ་ཤེས་དང་བཞིར་ཕྱེ་བའི་བྱེད་པའི་དོན་ནོ། །གནས་ནི་དྲིལ་བུའི་ཁོག་པ་འདྲ་བ། བྱེད་པ་ནི་ཕྱོགས་ཀུན་ཏུ་གཡོ་བའི་དྲིལ་བུའི་ལྕེ་ལྟ་བུ། རླུང་ནི་དྲིལ་བུ་འགུལ་བསྐྱོད་བྱེད་པའི་ལག་པ་ལྟ་བུ། རྣམ་ཤེས་ནི་དྲིལ་བུ་འཁྲོལ་མཁན་གྱི་སྐྱེས་བུ་ལྟ་བུའོ། །ལྕེ་དང་། རྐན། མཆུ། མགྲིན་པ། སོ་སོགས་ནི་ཡི་གེའི་བྱེད་པ་དང་སྐྱེ་གནས་གཉིས་ཀ་ཡིན་པའང་ཤེས་དགོས་སོ། །ལུང་གཞི་རྒྱ་ཆེར་འགྲེལ་པ་ལས། བྱེད་པ་གསལ་བ་ཞེས་བྱ་བ་ལ་འདིར་བྱེད་པ་ཞེས་བྱ་བ་ནི་ལྕེ་དང་། རྐན་དང་། མགུལ་དང་། མཆུ་ལ་སོགས་པ་དག་སྟེ། དེ་དག་གསལ་བ་ན་དེའི་ཚིག་འཁྲུལ་བ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །
|