5972

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱེད་པ་བཅིངས་པ
Tibetan Definition 1 ཡུམ་གྱི་གསང་གནས་བྱ་རོག་གདོང་ངམ། ཕལ་སྐད་དུ་བྱ་ལེ་ཟེར་བ་དེ་ལས་དབུ་མའི་མར་སྣ་སོར་གང་ངམ་ཕྱེད་ཙམ་ཕྱིར་ཐོན་པ་ཡབ་ཀྱི་ནོར་བུའི་བུག་པའི་ནང་དུ་བཅུག་ནས་དམ་དུ་བཅིངས་པ་ལ་བྱེད་པ་བཅིངས་པ་ཟེར། དེ་ལ་རྩ་རྡོ་རྗེ་སྐྱིལ་སྐྲུང་ཡང་ཟེར། ངག་དབེན་གྱི་སྐྱིལ་སྐྲུང་བཞིའི་ཡ་གྱལ་ཞིག དེ་ལྟར་བྱེད་པའི་རྒྱུ་མཚན་ནི། ཕྱག་རྒྱའི་རྩ་ནང་ནས་རླུང་བྱུང་སྟེ། རང་གི་རྩའི་ནང་དུ་སླེབས་ན་སྙོམས་འཇུག་གི་བདེ་བ་སོགས་གང་བས་ཀྱང་ལྷག་པའི་བདེ་བ་སྐྱེ་ལ། རླུང་དེ་རང་གི་དྷཱུ་ཏཱིའི་ནང་དུ་བསྡུས་པས་རང་གི་ཐུར་སེལ་གྱི་རླུང་གྱེན་དུ་ལོག་སྟེ་ཕྱག་རྒྱའི་རླུང་དེས་སྣ་འདྲེན་བྱས་ནས་དབུ་མར་ཞུགས་ཤིང་བསྡུས་པས་དྲོད་འབར་ནས་སྤྱི་བོའི་ཧཾ་ཡིག་བཞུ་ཞིང༌། བྱང་སེམས་དྷཱུ་ཏཱིའི་མར་སྣར་སླེབས་པ་ན་ཕྱག་རྒྱའི་ཡང་ཁུ་བ་བཞུ་ནས་དྷཱུ་ཏཱིའི་ལམ་ནས་བྱུང་སྟེ། རང་གི་རྩའི་ནང་དུ་ཕྲད་པ་ན་ཐབས་ཤེས་ཟུང་དུ་འབྲེལ་བའི་གནད་ཀྱིས་སྔ་མའི་བདེ་བ་དེ་ལས་ཀྱང་ཆེས་ཆེ་བ་ཞིག་འབྱུང་ཞིང༌། དེ་ནས་མན་ངག་གི་གྱེན་དུ་བཟློག་པའི་སྦྱོར་བས་ཐིག་ལེ་དེ་ལྟེ་བར་སླེབས་པ་ན་དགའ་བ། སྙིང་གར་སླེབས་པ་ན་མཆོག་དགའ། མགྲིན་པར་སླེབས་པ་ན་ཁྱད་དགའ། གཙུག་གཏོར་དུ་སླེབས་པ་ན་ལྷན་སྐྱེས་ཀྱི་དགའ་བ་སྟེ་ཤིན་ཏུ་རྣལ་འབྱོར་བསྒོམ་པའི་ཆེད་དུ་ཡིན་ནོ། །རྗེའི་གསུང་ལ་གཞི་བྱས།