5980

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱེད་སྒྲ
Tibetan Definition (བརྡ་སྤྲོད) བྱེད་པ་པོ་སྟོན་པའི་ཕྲད་གཞན་དབང་ཅན་ཞིག་སྟེ། “གིས་ཀྱིས་གྱིས་འིས་ཡིས” སྟེ་ལྔའོ། །1 བྱེད་པ་པོ་སྟོན་པ་ནི། དཔེར་ན་བླ་མས་ཆོས་གསུང་ལྟ་བུ། 2 བྱེད་པ་སྟོན་པ་ནི། སྟ་རེས་ཤིང་གཅོད་ལྟ་བུ། 3 རྒྱུ་མཚན་སྟོན་པ་ནི། དཔེར་ན་ལེ་ལོ་ཆེ་བས་ཡོན་ཏན་མ་ལོབས་སོ། །ཞེས་དང༌། མ་ཤེས་པས་ནོངས་ཞེས་པ་ལྟ་བུ། 4 ཚིག་སྔ་ཕྱི་མཚམས་སྦྱོར་བ་ཙམ་ལས་རྒྱུ་མཚན་གསལ་བར་མི་སྟོན་པ་ནི། དཔེར་ན་ཁྱོད་སུ་ཡིན་དྲིས་པས་ང་བློ་བཟང་ཡིན་ཟེར་བ་ལྟ་བུ།