5999

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྲམ་ཟེ
Tibetan Definition <བྲཱཧྨཎ> རྒྱ་གར་གྱི་རིགས་ཐམས་ཅད་ཀྱི་ནང་ནས་མཐོ་ཤོས་ཤིག བྲམ་ཟེ་ནི་ལེགས་སྦྱར་གྱི་བྲཱཧྨཎ་ “ ब्राह्मण ” ཟུར་ཆག་པ་སྟེ། བསྒྱུར་ན་ཚངས་པ་ལས་བྱུང་བ་ཞེས་སྐྱོགས་སྟོན་ལོ་ཙཱའི་དག་ཡིག་ལི་ཤིའི་གུར་ཁང་ལས་གསུངས། བྲཱཧྨཱ་ “ ब्रह्मा ” ནི་ཚངས་པ་ཡིན་ལ། དེའི་རྗེས་འབྲང་བ་རྣམས་ལ་བྲམ་ཟེ་ “བྲཱཧྨཎ” ཟེར། བྲམ་ཟེ་ནི་ཚངས་པའི་ཁ་ལས་བྱུང་བ་དང་རིགས་གཞན་རྣམས་རྐང་པ་སོགས་ཚངས་པའི་ལུས་ཀྱི་ཆ་ཤས་གཞན་རྣམས་ལས་བྱུང་ཞེས་ཕྱི་རོལ་པའི་རིག་བྱེད་ལས་འབྱུང་ངོ་། །འདུལ་བ་གཞིི་རྒྱ་ཆེར་འགྲེལ་པ་ལས། བྲམ་ཟེ་ཞེས་བྱ་བ་ནི་རིགས་དང་ལྡན་པའི་ཕྱིར་རམ་སྡིག་པ་སྤངས་པའི་ཕྱིར་རོ། །ཞེས་གསུངས། བྲམ་ཟེ་ལ་ཁྱིམ་ནས་ཁྱིམ་མེད་པར་ནགས་ཀྱི་འདབ་རྣམས་སུ་གནས་པས་ཕྱི་རོལ་པ་ཞེས་ཀྱང་བྱ་སྟེ། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། བྲམ་ཟེ་ནི་གང་ཡིད་ཕྱིར་ཕྱོགས་པ་ཁྱིམ་དག་ཏུ་གནས་པའི་བསམ་པ་མེད་པར་གྱུར་པའོ། །ཞེས་གསུངས། བོད་རྒྱ་ཚིག་མཛོད་ཆེན་མོར། བྲམ་ཟེའི་དོན་ལ་ཚངས་སྤྱོད་ཅེས་འབྱུང་ཡང་བྲམ་ཟེ་ནི་རིགས་ཤིག་གི་མིང་པས་དཔྱད་དོ། །སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ལས་ཀྱང་། བྲཱཧྨཎ་ཞེས་པ་དཀའ་ཐུབ་དང་། ཚངས་སྤྱོད་ལ་བསྒྱུར་བར་སྣང་ཡང་དཔྱད་དོ། །