6003

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྲམ་ཟེའི་ཁྱེའུ་བླ་མ
Tibetan Definition (འདུལ་བ) བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་སྐྱེ་སྔ་མ་ཞིག་སྟེ། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ཞིང་། དེའི་དུས་ཀྱི་བྲམ་ཟེའི་ཁྱེའུ་བླ་མ་ཞེས་བྱ་བ། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་གིས་དེ་ལ་ཁྱོད་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །འདུལ་བ་ལུང་གཞི་ལ་གཞི་བྱས་ཏེ་བཀོད་དོ། །