6021
Jump to navigation
Jump to search
བྲེའུ་ཆུང | |
Tibetan Definition | (འདུལ་བ) 1 འབྲུ་རིགས་འཇལ་བྱེད་ཀྱི་མ་ག་དྷཱའི་བྲེའུ་ཆུང་གང་ལ། མ་ག་དྷཱའི་སྲང་བཅུ་དྲུག་ཡོད། རྣམ་འབྱེད་འགྲེལ་༼ ཚུ་པ ༽༦༣ན༢ལས། ཏིལ་དང་ཉུངས་ཀར་བྲེའུ་ཆུང་གང་ལ་མ་ག་དྷཱའི་སྲང་བཅུ་དྲུག་གོ། ཞེས་གསུངས། 2 སྣུམ་དང་འོ་མ་སོགས་འཇལ་བྱེད་ཀྱི་མ་ག་དྷཱའི་བྲེའུ་ཆུང་གང་ལ། མ་ག་དྷཱའི་སྲང་སུམ་ཅུ་རྩ་གཉིས་ཡོད། རྣམ་འབྱེད་འགྲེལ་༼ ཚུ་པ ༽༦༣བ༣ ལས། འོ་མ་དང་ཞོ་བྲེའུ་གང་ལ་ནི་མ་ག་དྷཱའི་སྲང་སུམ་ཅུ་རྩ་གཉིས་སོ། །ཞེས་གསུངས་སོ། ། |
---|