6042

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླ་གོས
Tibetan Definition (འདུལ་བ) 1 ཆོས་གོས། འདི་ཡོངས་གྲགས་ཀྱི་ཆོས་གོས་དང་སྣམ་སྦྱར་ཞེས་པའི་ཆོས་གོས་དེ་ཡིན། 2 ཁྱིམ་པའི་བླ་གོས་ཞེས་པ་ཞིག་ཀྱང་ཡོད་དེ། ཡབ་སྲས་མཇལ་བའི་མདོ་ལས། དེ་ནས་རྒྱལ་པོ་ཟས་གཙང་མས་བླ་གོས་ཕྱོགས་གཅིག་ཏུ་བགོས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ་འདི་སྐད་ཅེས་སྨྲས་སོ། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། བླ་ནི་གོང་ངམ་སྟོད་དང་སྟེང་གི་དོན་ཡིན་པས། ལུས་ཀྱི་སྟོད་དུ་བགོ་བའི་གོས་ཡིན་པས་བླ་གོས་ཞེས་བྱའོ། །