6048
Jump to navigation
Jump to search
བླ་དྭགས | |
Tibetan Definition | 1 བླ་དྭགས་ནི་མིང་ངམ། མིང་གི་རྣམ་གྲངས། དེ་ཡང་སྔར་མེད་ཕྱིས་སུ་བཏགས་པ་ཞིག་ལ་གོ་དགོས། དཔེར་ན་ཁྱི་ཕྲུག་ལ་སེངྒེ་ཞེས་པ་མིང་བླ་དྭགས་ཡིན་པ་བཞིན་ནོ། །སྒྲ་བཤད་ནི། བླ་ནི་ཕྱི་མའི་དོན་ཡིན་ལ། དྭགས་ནི་བཏགས་པའི་དོན་ཡིན་པས། ཕྱིས་སུ་བཏགས་ཞེས་པའི་དོན་ཡིན་ནོ། །བླ་ཞེས་པ་ཕྱི་མ་ལ་འཇུག་པ་ནི། དཔེར་ན་རྒྱུད་ཕྱི་མ་ལ། རྒྱུད་བླ་མ་ཞེས་པ་ལྟ་བུས་མཚོན་ནོ། །བསྟན་དར་ལྷ་རམས་པས་འཕྲལ་དུ་སྦྱར་བའི་མིང་ལ་བཤད། |
---|