6057

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླ་བརྡོལ
Tibetan Definition བརྟག་དཔྱད་མ་བྱས་པར་སེམས་ལ་གང་དྲན་སྨྲ་བའི་ཚིག སྒྲ་བཤད་ནི། བླ་ནི་བླ་བོ་སྟེ་གཏམ་དང་བརྡོལ་བ་ནི་བྱུང་རྒྱལ་དུ་ཐོན་པའི་དོན་ཡིན་པས། གཏམ་གང་བྱུང་ཐོན་པ་ཞེས་པའི་དོན་ནོ། །མི་ཤེས་བཞིན་དུ་སྨྲ་བ། གང་དྲན་དྲན་དུ་སྨྲ་བ། སེམས་ལ་གང་དྲན་སྨྲ་བ། བྱུང་རྒྱལ་དུ་སྨྲ་བ། གྱ་ཚོམ་དུ་སྨྲ་བ། བབ་ཅོལ་དུ་སྨྲ་བ། མུ་ཅོར་སྨྲ་བ། བླ་བརྡོལ་དུ་སྨྲ་བ། གཟུ་ལུམ་དུ་སྨྲ་བ་རྣམས་ཕལ་ཆེར་འདྲ་བར་བཤད།