6067

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླ་མ་དྷརྨ་རཀྵི་ཏ
Tibetan Definition (བློ་སྦྱོང) བོད་སྐད་དུ་བསྒྱུར་ན་ཆོས་ཀྱི་གོ་ཆ་ཞེས་པ་སྟེ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བླ་མའི་གཙོ་བོ་གསུམ་གྱི་ཡ་གྱལ་ཞིག ཇོ་བོ་ཆེན་པོས་བླ་མ་འདི་ལ་ཨོ་ཏནྟ་པ་པཱུ་རིའི་གཙུག་ལག་ཁང་དུ་ལོ་བཅུ་གཉིས་སུ་བྱེ་བྲག་བཤད་མཛོད་ཆེན་མོ་གསན་ནས་བཞུགས་པའི་ལོ་རྒྱུས་ཡོད་ཅིང་། བླ་མ་འདི་རང་གི་སྐུ་ཤ་བཅད་ནས་གཞན་ལ་སྦྱིན་ཅིང་བྱམས་སྙིང་རྗེ་འབའ་ཞིག་བསྒོམས་པས་སྟོང་ཉིད་ཀྱི་རྟོགས་པ་ཐུགས་ལ་འཁྲུངས་པ་ཞིག་སྟེ། བཀའ་གདམས་གླེགས་བམ་༼ ཀ་པ ༽༢༤ལས། བྱམས་པའི་སྐྱེས་མཆོག་གྲུབ་ཆེན་རྣལ་འབྱོར་པ། །རཀྵི་ཏ་ཞེས་རང་ཤའང་གཞན་ལ་སྟེར། །ཐུན་མོངས་མ་ཡིན་སེམས་བསྐྱེད་སྦྱིན་མཛད་པའི། །བླ་མ་དཔའ་བོ་གཉིས་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །