6068

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླ་མ་བསྟེན་བདོ་ཙ་ན་སྤངས་དོགས་ཡོད
Tibetan Definition བླ་མ་མང་པོ་བསྟེན་པའམ་རྒྱུན་རིང་པོ་བསྟེན་པ་ན་བླ་མ་ལ་སྐྱོན་འདོགས་ཀྱི་བློ་སོགས་སྐྱེས་ནས་བླ་མ་སྤོང་རྒྱུའི་ཉེན་ཁ་ཡོད་ཅེས་པའི་དོན་ནོ། །དབྱངས་ཅན་དགའ་བློས། བླ་མ་བསྟེན་རན་དུས་བོར་དོགས་ཡོད་ཞེས་པའི་དོན་ཡིན་པར་བཤད་པ་ནི་ལེགས་པར་མ་མཐོང་ངོ་། །རྗེའི་ལམ་རིམ་ཆེན་མོ་ལས། དེ་ལྟར་ན་བླ་མའི་རྣལ་འབྱོར་ཞེས་ཡོངས་སུ་གྲགས་པའི་གདམས་པའང་སྔར་བཤད་པ་ལྟར་གོ་དགོས་ཀྱི། དམིགས་པ་ཐུན་རེ་ཙམ་ལ་སྦྱངས་པས་ནི་གར་ཡང་མི་ཕྱིན་ལ་སྙིང་ཐག་པ་ནས་ཆོས་ཤིག་བྱེད་ན་ནི་མ་ནོར་བར་འཁྲིད་པའི་བཤེས་གཉེན་དམ་པ་ལ་རྒྱུན་རིང་དུ་བརྟེན་དགོས་ལ། དེའི་ཚེ་ཡང་མཆད་ཀ་བའི་ཞལ་ནས། བླ་མ་བསྟེན་བདོ་ཙ༌ན་སྤངས་དོགས་ཡོད་གསུང་བ་ལྟར། བསྟེན་ཚུལ་མ་ཤེས་པར་བསྟེན་ན་ནི་ཁེ་མི་ཐོན་པར་གྱོང་འབྱུང་བས། བཤེས་གཉེན་བསྟེན་པའི་ཆོས་སྐོར་འདི་རྣམས་ནི་གང་ལས་ཀྱང་གལ་ཆེ་བ་གཏན་གྱི་འདུན་མའི་རྩ་བར་སྣང་བས་རགས་རིམ་ཞིག་དྲི་མ་མེད་པའི་གསུང་རབ་དང་དགོངས་འགྲེལ་ནས་དྲངས་ཏེ་གོ་སླ་ལ་ཡིད་ལ༌འཁུལ་ཞིང་གསུང་རབ་ཀྱི་དོན་ལ་གཞོལ་བའི་དམ་པ་རྣམས་ཀྱི་གསུང་སྒྲོས་ཀྱིས་བརྒྱན་ནས་བཀོད་དེ། རྒྱས་པར་གཞན་ནས་ཤེས་པར་བྱའོ། །ཞེས་གསུངས།