From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བླ་མ་མཆོད་པའི་ཊཱི་ཀ
|
Tibetan Definition
|
པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་ཟབ་ལམ་བླ་མ་མཆོད་པ་རྩ་བ་དང༌། ༡ དེའི་འགྲེལ་པ་སློབ་དཔོན་བློ་བཟང་རིག་གྲོལ་གྱིས་མཛད་པའི་ཊཱི་ཀ། ༢ རྗེ་དོན་ཡོད་མཁས་གྲུབ་པས་བློ་བཟང་ཡེ་ཤེས་ཀྱི་གསུང་ཟིན་བྲིས་མཛད་པའི་ཊཱི་ཀ། ༣ མཁར་རྡོ་བཟོད་པ་རྒྱ་མཚོས་མཛད་པའི་བླ་མཆོད་ཀྱི་ཁྲིད་ཡིག་དང༌། དེའི་ཁྲིད་ཡིག་གི་ལྷན་ཐབས། ༤ ཀུན་མཁྱེན་འཇམ་དབྱངས་བཞད་པའི་བླ་མཆོད་མཆན་འགྲེལ། ༥ ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་བླ་མཆོད་ཊཱི་ཀ། ༦ རྗེ་གུང་ཐང་པས་མཛད་པའི་བླ་མཆོད་ཊཱི་ཀ། བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་ཀྱི་གསུང་བླ་མ་མཆོད་པའི་ཟིན་བྲིས་བཅས་སོ། །ད་དུང་ཡང་རེ་གཉིས་ཡོད་འདྲ་ཡང་རང་གིས་དངོས་སུ་མ་མཐོང་བས་འདིར་མ་བཀོད།
|