6073

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླ་མ་རཱ་ཧུ་ལ་གུཔྟ
Tibetan Definition ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་གསང་སྔགས་ཀྱི་ཆོས་ཞུ་ཡུལ་གྱི་བླ་མ་ཞིག འདི་བོད་དུ་བྱོན་ནས་ཟླ་བ་དྲུག་གི་བར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་མགོན་པོའི་ཆོས་སྐོར་རྣམས་གསུངས་ནས། སླར་ལོག་ནས་རི་ནག་པོར་ད་ལྟ་ཡང་བཞུགས་པར་གྲགས་སོ། །འདི་མགོན་པོ་བླ་བརྒྱུད་དུ་བཞུགས་པར་བཤད། རྗེའི་ལམ་རིམ་ཆེན་མོ་ལས་ཀྱང་། རི་ནག་པོའི་གཙུག་ལག་ཁང་གི་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ཀྱཻ་རྡོ་རྗེའི་ཞལ་གཟིགས་ཤིང་རྡོ་རྗེ་མཁའ་འགྲོ་མས་ལུང་བསྟན་པ་ཐོབ་པའི་བླ་མ་རཱ་ཧུ་ལ་གུཔྟ་ལ་དབང་ཡོངས་སུ་རྫོགས་པར་ཞུས་ཤིང༌། གསང་མཚན་ཡེ་ཤེས་གསང་བའི་རྡོ་རྗེ་ཞེས་བྱ་བར་བཏགས་ཏེ་དགུང་ལོ་ཉེར་དགུ་ཚུན་ཆད་ལ་དངོས་གྲུབ་བརྙེས་པའི་བླ་མ་དུ་མའི་སྤྱན་སྔར་རྡོ་རྗེའི་ཐེག་པ་ལ་སྦྱངས་པས་གཞུང་དང་གདམས་ངག་མ་ལུས་པ་ལ་མཁས་པར་གྱུར་ཏེ། གསང་སྔགས་ལ་ང་ཉིད་མཁས་སོ་སྙམ་དུ་དགོངས་པ་བྱུང་བ་ན། ཌཱ་ཀི་མ་རྣམས་ཀྱིས་སྔགས་ཀྱི་གླེགས་བམ་སྔར་མཐོང་མ་མྱོང་བ་མང་པོ་མནལ་ལམ་དུ་བསྟན་ནས་ཐུགས་རྒྱལ་བཅག་གོ། ཞེས་གསུངས་སོ། །