From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བླ་མ་ལྔ་བཅུ་པ
|
Tibetan Definition
|
བླ་མ་བསྟེན་ཚུལ་ཚིགས་སུ་བཅད་པ་ལྔ་བཅུས་སྟོན་པའི་གཞུང་བླ་མ་ལྔ་བཅུ་པ་ཞེས་བྱ་བ་རྒྱ་གར་གྱི་སློབ་དཔོན་རྟ་དབྱངས་ཀྱིས་མཛད། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། འདིའི་ལོ་རྒྱུས་ནི། སྔོན་ལྷོ་ཕྱོགས་དཔལ་གྱི་རི་ལ་ཀླུ་སྒྲུབ་ཡབ་སྲས་ལ་མདོ་སྔགས་ཀྱི་ཆོས་ཐམས་ཅད་གསན། སྐབས་ཤིག་ལ་ཆོས་ཉན་པའི་ཚེ་པུས་འཁྱུད་བཅིངས་ཏེ་ཉན་པས་འཕགས་ཀླུ་སྒྲུབ་ཀྱིསཔས་དེ་འདྲ་མི་རུང་གསུངས་པ་ན་ང་འདྲ་བའི་ང་རྒྱལ་དང་ལྡན་པ་ལ་ཆོས་ཉན་ཡང་མི་ཤེས་ཤིང་རྨོངས་པ་ལ་སྙམ་སྟེ་ཤིན་ཏུ་ངོ་ཚ་ཞིང་ང་ཡང་འདི་འདྲ་ན་གཞན་ལྟ་ཅི་སྨོས་སྙམ་ནས་བླ་མ་ལྔ་བཅུ་པ་བརྩམས་པར་གྲགས། རྒྱས་པ་མཁས་པའི་དགའ་སྟོན་༡༤༥༡ལ་གཟིགས།
|