6078

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླ་མ་སྡེ་ལྔ
Tibetan Definition རང་གི་སྨིན་མཚམས་ཀྱི་ཐད་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་ཤིན་ཏུ་ཆེ་བ། དེའི་དབུས་དང་ཕྱོགས་བཞིར་ཁྲི་ཆུང་ལྔ་ཡོད་པའི་དབུས་མ་ཅུང་ཟད་མཐོ་བའི་སྟེང་ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་སྟོན་པ་ཐུབ་པའི་དབང་པོ། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྡོ་རྗེ་འཆང༌། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་སྔོན་པོ་སྟེ་སེམས་དཔའ་སུམ་བརྩེགས། དེའི་གཡས་ཀྱི་ཁྲི་ཆུང་ལ་རྗེ་བཙུན་བྱམས་པ་ལ་རྒྱ་ཆེན་སྤྱོད་རྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་བ། གཡོན་གྱི་ཁྲི་ཆུང་ལ་རྗེ་བཙུན་འཇམ་པའི་དབྱངས་ལ་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་བ། རྒྱབ་ཀྱི་ཁྲི་ཆུང་ལ་རྒྱལ་བ་རྡོ་རྗེ་འཆང་ལ་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། མདུན་གྱི་ཁྲི་ཆུང་ལ་རང་གི་རྩ་བའི་བླ་མ་ལ་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་རྣམས་ཀྱིས་བསྐོར་བ་དང་ལྔ་ལ་བླ་མ་སྡེ་ལྔ་ཟེར།