6088

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླ་མར་བྱེད
Tibetan Definition <གུ་རུ་ཀཱ་རཿ> (འདུལ་བ) 1 བླ་མ་ནི་གོང་མའི་དོན་ཡིན་པས། གོང་དུ་བཀུར་བ་དང་གུས་ཞབས་བྱེད་པའི་དོན་ཡིན། སྐད་དོད་དེ་བྱེ་བྲག་རྟོགས་བྱེད་ཆེན་པོ་༣༨བ༢ན་གསལ། བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་འོད་ལས། བླ་མར་བྱེད་པ་ནི་གུས་པས་སོ། །ཞེས་གསུངས་སོ། །རྒྱ་གར་གྱི་སློབ་དཔོན་བིདྱཱ་ཀ་ར་སིངྷས་མཛད་པའི་༼ སྐྱེས་རབས་ཀྱི་རྒྱུད་ཀྱི་དཀའ་འགྲེལ ༽ལས་ཀྱང་། བླ་མའི་དོན་ནི་གསུམ་གྱིས་ཏེ། བླ་མར་བྱེད་ (དཀོན་མཆོག་གསུམ་གོང་མར་བྱེད་པས། རང་ཉིད་ཀྱི་བསྒྲུབ་པའི་མཆོད་པ) པ་དང་། བླ་མ་མགུ་བར་བྱས་པ་དང་། བླ་ (རང་ཉིད་གཞན་གྱི) མར་གྱུར་པ་སྟེ་ཚིག་གསུམ་དང་སྦྱར་རོ། །ཞེས་གསུངས། 2 བླ་མར་འཛིན་པའི་སྒོ་ནས་གུས་བཀུར་ཞུ་བ། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། བླ་མར་བྱ་བ་ནི་སྟོན་པ་ཉིད་དུ་འཛིན་པའོ། །ཞེས་གསུངས། སེམས་ཀྱིས་བླ་མར་འཛིན་པའི་སྒོ་ནས་བཀུར་སྟི་བྱེད་པ། བསྟན་དར་ལྷ་རམས་པ་གསུང༌།