From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བླུན་པོ་ཤེས་རབ་འཆལ་བའི་རྟགས་ལྔ
|
Tibetan Definition
|
རྣམ་འགྲེལ་རྩ་བ་ལས། རིག་བྱེད་ཚད་མ་དང་ནི་འགའ་བྱེད་སྨྲ། །ཁྲུས་ལས་ཆོས་འདོད་དང་ནི་རིགས་སྨྲས་དྲེགས། །སྡིག་པ་གཞོམ་ཕྱིར་གདུང་བ་རྩོམ་ཞེས་པ། །བླུན་པོ་ཤེས་རབ་འཆལ་བའི་རྟགས་ལྔ་ཡིན། །ཞེས་དང་། དེའི་ཐད་ཀྱི་རྣམ་བཤད་ཐར་ལམ་གསལ་བྱེད་ལས། གཉིས་པ་ལོག་རྟོག་བླུན་པོའི་རྟགས་སུ་བསྟན་པ་ནི། སྤྱད་པ་པོ་སོགས་ཆོས་ཅན། ཤེས་རབ་འཆལ་པའི་བླུན་པོ་ཡིན་ཏེ། དེའི་རྟགས་ལྔ་ཚང་བ་ཡིན་པའི་ཕྱིར། དེར་ཐལ། མ་བྱས་པ་དང་ཕྱོགས་གཅིག་ལ་མི་སླུ་བའི་རྟགས་ཀྱིས་འགལ་བ་དུ་མ་སྟོན་པའི་རིག་བྱེད་ཚད་མར་སྨྲ་བའི་ཕྱིར་དང༌། བདག་ལ་སོགས་པའི་རྟག་པ་འགས་འབྲས་བུ་བྱེད་པར་སྨྲ་བའི་ཕྱིར་དང༌། འབབ་སྟེགས་ཀྱི་ཁྲུས་ལས་ཆོས་འཕེལ་བར་འདོད་པའི་ཕྱིར་དང༌། ཡོན་ཏན་ཅུང་ཟད་མེད་ཀྱང་བྲམ་ཟེའི་རིགས་སོ་ཞེས་སྨྲ་བས་དྲེགས་པའི་ཕྱིར་དང༌། སེམས་ཀྱི་སྡིག་པ་གཞོམ་པའི་ཕྱིར་དུ། མེར་མཆོང་བ་སོགས་གདུང་བ་དུ་མ་རྩོམ་པའི་ཕྱིར། ཅེས་པ་རྣམས་སོ། །ཞེས་གསུངས་སོ། །
|