6106
Jump to navigation
Jump to search
བློ | |
Tibetan Definition | 2 བློ་གྲོས་ཀྱི་བསྡུས་མིང་སྟེ་ཤེས་རབ་ཀྱི་མིང་ངོ༌། །མངོན་པ་མཛོད་སོགས་སུ་བློ་ཞེས་པ་སྤྱིར་བཏང་གི་བློ་ཙམ་མིན་པར་ཤེས་རབ་ལ་གོ་དགོས། རྟོག་གེ་འབར་བ་ལས། བློ་ལྡན་ཞེས་བྱ་བ་ལ་བློ་ནི་རིགས་པ་དང་མི་རིགས་པ་དཔྱོད་པར་བྱེད་པའི་ཤེས་རབ་སྟེ། གང་དག་ལ་དེ་ཡོད་པ་ནི་བློ་ལྡན་ནོ། །ཞེས་གསུངས་པ་ལྟར་རོ། ། |
---|