6112

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བློ་གྲོས་མི་ཟད་པས་བསྟན་པའི་མདོ
Tibetan Definition འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཞེས་བྱ་བ། རྒྱ་གར་སྐད་དུ། ཨཱརྱ་ཨཀྵ་ཡ་མ་ཏི་ནིར་དེ་ཤ་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ་ཞེས་བྱ་བ། སྡེ་དགེ་བཀའ་འགྱུར་མདོ་སྡེ་༼ མ ༽༧༩ན༡ན་བཞུགས་སོ། །བློ་གྲོས་མི་ཟད་པ་ཞེས་པའི་དོན་ནི། མདོ་དེ་ཉིད་༼ མ ༽༩༠ན༡ལས། ཅིའི་ཕྱིར་རིགས་ཀྱི་བུ་ཁྱོད་ཀྱི་མིང་བློ་གྲོས་མི་ཟད་པ་ཞེས་བཏགས། བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ། བློ་གྲོས་མི་ཟད་པ་ཞེས་བྱ་བ་འདི་ནི་ཆོས་ཐམས་ཅད་དམིགས་སུ་མེད་པའི་རྒྱུ་འཐུན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མི་ཟད་པའི་ཕྱིར་རོ། །ཞེས་གསུངས་སོ། །