612

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱེར་སོ་གསུམ་གྱི་རྣལ་འབྱོར
Tibetan Definition ཁྱེར་སོ་གསུམ་གྱི་རྣལ་འབྱོར་ནི། གཟུགས་སྣང་སྐུ་ཡི་ཁྱེར་སོ། སྒྲ་གྲག་གསུང་གི་ཁྱེར་སོ། དྲན་རིག་ཐུགས་ཀྱི་ཁྱེར་སོ་དང་གསུམ་མོ། །བཅུད་ཀྱི་སེམས་ཅན་རྣམས་སངས་རྒྱས་ཀྱི་སྐུར་མོས་པ་ནི་སྐུ་ཡི་ཁྱེར་སོ། དེའི་སྒྲ་རྣམས་གསུང་དུ་མོས་པ་ནི་གསུང་གི་ཁྱེར་སོ། ཤེས་པ་རྣམས་ཐུགས་སུ་མོས་པ་ནི་ཐུགས་ཀྱི་ཁྱེར་སོ་བཅས་ཡིན་ནོ། །ཞིབ་ཏུ་བཤད་ན། ༼གཟུགས་སྣང་སྐུ་ཡི་ཁྱེར་སོ་ནི༽ འཕགས་པའི་སྐུ་སྤྱི་དང་ལྷག་པར་ཐུགས་ཀའི་ཧྲཱི་ཡིག་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཏེ་སྣོད་བཅུད་ཀྱི་སྐྱོན་སྦྱངས་ཏེ། མ་དག་པའི་སྣོད་ཀྱི་འཇིག་རྟེན་འདི་ཉིད་དག་པའི་ཞིང་ཁམས་དང་། བཅུད་ཀྱི་སེམས་ཅན་རྣམས་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུའི་གསང་བར་མོས་པ་ནི་གཟུགས་སྣང་སྐུའི་ཁྱེར་སོ་ཡིན་ནོ། །༼སྒྲ་གྲག་གསུང་གི་ཁྱེར་སོ་ནི༽ སྔགས་འཕྲེང་གི་འོད་ཟེར་གྱིས་འབྱུང་བ་དང་འབྱུང་འགྱུར་གྱི་སྒྲ་གང་གྲག་ཐམས་ཅད་ཀྱི་ཉེས་སྐྱོན་སྦྱངས་ཏེ། འཕགས་པ་སྤྱན་རས་གཟིགས་ཀྱི་གསུང་གི་གསང་བ་ཡི་གེ་དྲུག་པའི་གདངས་སུ་མོས་པ་སྒྲ་གྲག་གསུང་གི་ཁྱེར་སོ། ༼དྲན་རིག་ཐུགས་ཀྱི་ཁྱེར་སོ་ནི༽ ས་བོན་གྱི་འོད་ཟེར་གྱིས་ཡིད་ཀྱི་དྲན་རིག་གི་ཉེས་སྐྱོན་སྦྱངས་ཏེ་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་ཀྱི་གསང་བ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་མོས་པ་དྲན་རིག་ཐུགས་ཀྱི་ཁྱེར་སོ་སྟེ་ཁྱེར་སོ་གསུམ་གྱི་རྣལ་འབྱོར་ལ་ཟེར་རོ། །དངུལ་ཆུ་དྷརྨ་བྷ་དྲའི་གསུང་ལ་གཞི་བྱས་ཏེ་བཀོད།