From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བློ་ལྡོག་རྣམ་བཞི
|
Tibetan Definition
|
(བཀའ་བརྒྱུད) ཚེ་འདི་ལས་བློ་ལྡོག་པ། འཁོར་བ་ལས་བློ་ལྡོག་པ། ཞི་བདེ་ལས་བློ་ལྡོག་པ། གཟུང་འཛིན་ལས་བློ་ལྡོག་པ་དང་བཞིའོ། །ཤེས་བྱ་མཛོད་འགྲེལ་ལས་གསུངས་པ་ལྟར་རོ། །བློ་ལྡོག་ཅེས་པ་ཞེན་པ་ལོག་པ་དང་སྐྱོ་ཤས་སྐྱེས་པའི་དོན་ཡིན། དེ་ནི་ཐེག་པ་ཆེ་ཆུང་གི་ལམ་གྱི་གནད་ཐམས་ཅད་ཚང་བའི་ལམ་གྱི་སྡོམ་ཆེན་པོ་ཞིག་གོ། དཔལ་ས་སྐྱ་པས་དེ་ལ་ཞེན་པ་བཞི་བྲལ་གྱི་ཐ་སྙད་བྱེད། རི་བོ་དགེ་ལྡན་པས་དེ་ལ་ལམ་གཙོ་རྣམ་གསུམ་ (ངེས་འབྱུང་བྱང་སེམ་ཡང་དག་པའི་ལྟ་བ་གསུམ) མམ། སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་ཐ་སྙད་བྱེད། དགེ་ལྡན་པའི་ལམ་གཙོ་རྣམ་གསུམ་དང་བློ་ལྡོག་རྣམ་བཞི་གཉིས་ཐ་སྙད་སྦྱོར་ཚུལ་ཙམ་ལས་དོན་ལ་འདྲ་སྟེ། ཚེ་འདི་ལ་བློ་ལྡོག་ཅེས་པ་དང༌། འཁོར་བ་ལས་བློ་ལྡོག་ཅེས་པས་ངེས་འབྱུང༌། ཞི་བདེ་ལས་བློ་ལྡོག་ཅེས་པས་བྱང་སེམས། གཟུང་འཛིན་ལས་བློ་ལྡོག་ཅེས་པས་ཡང་དག་པའི་ལྟ་བ་བསྟན་ཏོ། །སྐྱེས་བུ་གསུམ་གྱི་ལམ་རིམ་དང་སྦྱོར་ཚུལ་ནི། ཚེ་འདི་ལས་བློ་ལྡོག་ཅེས་པས་སྐྱེས་བུ་ཆུང་ངུའི་ལམ་རིམ། འཁོར་བ་ལས་བློ་ལྡོག་ཅེས་པས་སྐྱེས་བུ་འབྲིང༌། ཞི་བདེ་ལས་བློ་ལྡོག་པ་དང༌། གཟུང་འཛིན་ལས་བློ་ལྡོག་པ་ཞེས་པས་སྐྱེས་བུ་ཆེན་པོའི་ལམ་རིམ་བསྟན་ཏོ། །
|