6130

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བློ་སྦྱོང
Tibetan Definition (བློ་སྦྱོང) བདག་གཞན་མཉམ་བརྗེའི་ཉམས་ལེན་དང་། གཏོང་ལེན་གཉིས་པོ་སྦྲགས་པའི་ཉམས་ལེན་ལ། བློ་སྦྱོང་ཞེས་གྲགས་སོ། །སྤྱིར་བློ་སྦྱོང་ལ་སྐྱེས་བུ་ཆུང་ངུའི་བློ་སྦྱོང་། འབྲིང་གི་བློ་སྦྱོང་། སྐྱེས་བུ་ཆེན་པོའི་བློ་སྦྱོང་དང་གསུམ་ཡོད་དོ། །བློ་སྦྱོང་གི་གདམས་པ་འདི་ལ་མཛེ་ཆོས་ཅེས་ཀྱང་གྲགས་ཏེ། དགེ་བཤེས་མཆད་ཁ་བས་ཤ་ར་བའི་དྲུང་ནས་བློ་སྦྱོང་གི་གདམས་ངག་ཞུས་ཏེ་བསྒོམས་པས་བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ལ་འཁྲུངས། མཛེ་ནད་ཅན་མང་པོར་ཡང་གདམས་པ་འདི་གནང་ནས་བསྒོམས་པས་ནད་ལས་གྲོལ་བས་མཛེ་ཆོས་སུ་གྲགས་པའང་བྱུང༌ངོ་། །