6141

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བློས་བསླངས
Tibetan Definition (གསང་སྔགས) གསེར་ཟངས་དང་ཤིང་སོགས་ཅི་རིགས་ལས་བཞེངས་པའི་ལྷའི་དཀྱིལ་འཁོར་དངོས་སམ། དེའི་འདྲ་བརྙན་ལ་ཟེར། སྒྲ་བཤད་ནི། བསྒོམ་བྱའི་དཀྱིལ་འཁོར་དེ་ཉིད་ལྷ་བཟོས་བྲིས་པའི་རྣམ་པ་ལྟར་ལེབ་མོ་མ་ཡིན་པར། གྱེན་དུ་བསླངས་པའི་དཀྱིལ་འཁོར་དངོས་གནས་པའི་རྣམ་པ་ལྟ་བུར་བསྒོམ་པར་བྱ་བ་ཡིན་པས་ན་དེ་སྐད་ཅེས་བྱའོ། །ཚེ་ཏན་ཞབས་དྲུང་གི་གསུང་ལ་གཞི་བྱས་ཏེ་བཀོད།