615

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱོག
Tibetan Definition 3 བཀྱགས་ཐུབ་པའམ། ཁུར་ཐུབ་པའི་དོན། ཁོས་དོ་པོ་དེ་ཁྱོག་མ་སོང་ལྟ་བུ། ཁྱོག་གི་འགྲེལ་བཤད་ཕྱི་མ་འདི་ཚིག་མཛོད་རྣམས་སུ་མི་གསལ་ཡང་། ཐ་སྙད་འདི་ཐ་སྙད་ཡང་དག་ཡིན་པ་མ་ཟད་འདི་ལ་ཚིག་གཞན་གྱིས་མ་ཐོན་པའི་གོ་རྒྱུ་དམིགས་བསལ་ཞིག་ཀྱང་ཡོད། དཔེར་ན་བཀྱགས་ནས་ཁྱོག བཀླགས་ནས་ལྷོགས། བླངས་ནས་ལོངས། བཤད་ནས་ཤོད། གཏན་ལ་ཕབ་ནས་ཕེབས་སོགས་མང་དུ་ཡོད་དོ། །དེ་ཡང་བཀྱག་ཐུབ་པ་ལ་ཁྱོག ལེན་ཐུབ་པ་ལ་ལོན་ནམ་ལོངས། ཀློག་ཐུབ་པ་ལ་ལྷོགས། བཤད་ཐུབ་པ་ལ་ཤོད། གཏན་ལ་འབེབས་ཐུབ་པ་ལ་གཏན་ལ་ཕེབས་ཞེས་པའི་ཐ་སྙད་འདི་རྣམས་ཚིག་ཚོགས་ཆུང་ལ་ནུས་པ་ཆེ་བའི་ཚིག་ཅིག་ཏུ་སྣང་བས། སྣང་མེད་དུ་ཉམས་སུ་མི་འཇུག་པར་ཅིས་ཀྱང་གཅེས་སྤྲས་སུ་བྱ་རིགས་སོ། །རྒྱལ་མཆོག་ལྔ་པ་ཆེན་པོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་ལས། རིམ་གྱིས་ཡི་གེ་བཤུར་མ་ཕྲན་བུ་ལྷོགས་པ་དང་བསྟུན་འཕྲོ་མ་རྣམས་དཔེ་ཐོག་ནས་ཁྲིད། ཅེས་གསུངས་པ་ལྟ་བུའོ། །ཚིག་འདི་དག་རྒྱལ་མཆོག་ལྔ་པའི་རང་རྣམ་ཙམ་ལས་གཞན་དུ་མི་སྣང་བ་ནི། ཡུལ་དུས་ཀྱི་དབང་གིས་རིམ་གྱིས་ཉམས་འགྲོ་བ་ཡིན་འདུག་གོ།