6160

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་གསོལ་བར་མི་བྱ
Tibetan Definition (འདུལ་བ) འདུལ་བ་ལུང་ལས། མ་གསོལ་བར་མི་བྱའོ་ཞེས་པའི་དོན་ནི། གཞན་གྱིས་རང་ལ་ཆོས་བཤད་རོགས་ཞེས་གསོལ་བ་མ་བཏབ་པར་ཨུ་ཚུགས་ཀྱིས་གཞན་ལ་སུན་པོ་བཟོ་བ་ལྟ་བུས་ཆོས་བཤད་པར་མི་བྱ་ཞེས་པའི་དོན་ཡིན། འདི་ནི་ནང་པའི་ཁྱད་ཆོས་ཤིག་ཡིན། གསོལ་བ་མ་བཏབ་ན་ལྟ་ཅི་སྨོས། བཏབ་ནའང་སྣོད་བརྟག་དགོས་པ་དང༌། ཅི་སྟེ་སྣོད་རུང་དུ་ཤེས་ན་ནི་གསོལ་བ་མ་བཏབ་པར་ཡང་བཤད་རུང་བར་གསུངས་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཆོས་ཀྱི་སྦྱིན་པའི་ཆེད་ཀྱི་ཕྱིར། །གལ་ཏེ་ཁྱོད་ལ་གསོལ་འདེབས་ན། །རབ་རྒྱས་བདག་གིས་མ་བསླབས་ཞེས། །ཐོག་མར་ཚིག་དེ་བརྗོད་པར་བྱ། །ཁྱོད་ནི་ཤེས་ཤིང་མཁས་ཡིན་ན། །བདག་ཉིད་ཆེན་པོའི་མདུན་དུ་ནི། །བདག་གིས་ཇི་ལྟར་བཤད་ནུས་ཞེས། །ཁྱོད་ཀྱིས་དེ་སྐད་བརྗོད་པར་བྱ། །འཕྲལ་དུ་བརྗོད་པར་མི་བྱ་ཡི། །སྣོད་ལ་བརྟག་པ་བྱས་ནས་བྱ། །གལ་ཏེ་སྣོད་ནི་ཤེས་གྱུར་ན། །གསོལ་མ་བཏབ་ཀྱང་བཤད་པར་བྱ། །ཞེས་གསུངས་སོ། །རྗེའི་ལམ་རིམ་ལ་འཕྲི་སྣོན་ཅུང་ཟད་ཀྱིས་བཀོད།