6175

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་ཐོག་རིང་མོ
Tibetan Definition (མཛོད) བར་བསྐལ་ཉི་ཤུའི་ཐ་མ་ལ། མ་ཐོག་རིང་མོ་ཟེར། མཛོད་རྩ་བ་ལས། ཡར་སྐྱེ་བ་ནི་གཅིག་ཡིན་ཏེ། །ཞེས་པས་མ་ཐོག་རིང་མོ་བསྟན་ཏོ། །བར་བསྐལ་ཉི་ཤུ་ལས་གཞན་བཅོ་བརྒྱད་པོ་རྣམས་ནི་ཡར་འཕེལ་མར་འགྲིབ་ཟུང་རེ་རེ་ཡོད་ལ། མ་ཐོག་རིང་མོ་ནི་ཡར་འཕེལ་བ་རྐྱང་པ་དང་། ཡ་ཐོག་རིང་མོ་ནི་མར་འགྲིབ་པ་རྐྱང་པ་ཡིན་པས། བར་བསྐལ་གཞན་བཅོ་བརྒྱད་པོ་རྣམས་ལྟར་ཉིས་ཁུག་མིན་ནོ། །སྒྲ་བཤད་ནི། འདི་བར་བསྐལ་ཉི་ཤུའི་ཐ་མ་ཡིན་པས། མ་ཐོག་ཟེར་བ་ཡིན་ལ། རིང་མོ་ནི་འདི་བར་བསྐལ་བཅོ་བརྒྱད་པོ་རྣམས་ལ་ལྟོས་ཏེ་འགྲོས་ཤིན་ཏུ་བུལ་ཞིང་དལ་བས་རིང་མོ་ཞེས་མིང་བཏགས་པ་ཡིན་ནོ། །དཔེར་ན་མི་དལ་ལྷོད་ཅན་ལ་མི་ཉི་མ་རིང་པོ་ཞེས་པ་ལྟ་བུའོ། །