From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མ་དམིགས་པའི་རྟགས
|
Tibetan Definition
|
མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་ལ་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟ་ཡོད་ཅེས་དམ་བཅའ་མི་རིགས་ཏེ། ཤ་ཟ་ལ་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟ་ཚད་མས་མ་དམིགས་པའི་ཕྱིར། ཞེས་པ་ལྟ་བུ། མདོའི་ཁུངས་ནི། ངའམ། ང་དང་འདྲ་བས་གང་ཟག་གི་ཚོད་གཟུང་གི། ཞེས་གསུངས་པས་སྣང་རུང་མ་དམིགས་པའི་རྟགས་དང༌། གང་ཟག་གིས་གང་ཟག་གི་ཚོད་གཟུང་བར་མི་བྱ་སྟེ། ཉམས་པར་འགྱུར་ཏ་རེ། ཞེས་གསུངས་པས་མི་སྣང་བ་མ་དམིགས་པའི་རྟགས་གསུངས་སོ། །
|