6199

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་བསྒྲལ་བ་རྣམས་ཞེས་སོགས་ཀྱི་དོན
Tibetan Definition སེམས་བསྐྱེད་ཀྱི་ཆོ་ག་ལས། སེམས་ཅན་མ་བསྒྲལ་བ་ཞེས་སོགས་གསུམ་གྱི་དོན་ལ། ཉོན་མོངས་ལས་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །ཤེས་སྒྲིབ་ལས་མ་གྲོལ་བ་རྣམས་གྲོལ་བར་བགྱིའོ། །ངན་སོང་གསུམ་ལ་སོགས་པའི་སྡུག་བསྔལ་གྱི་དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་བགྱིའོ། །ཞེས་སྦྱོར། འདི་མན་སྙེ་དང་རྡོ་རྗེ་མཁའ་འགྲོའི་རྣམ་བཤད་གཉིས་ཀའི་དགོངས་པའོ། །རྗེའི་གསུང་གསང་འདུས་དཀའ་གནད་ཟིན་བྲིས་ལས་ཀྱང་དེ་བཞིན་དུ་གསུངས། ཡང་ན། སྒྲིབ་པ་གཉིས་ཀ་ལས་མ་བསྒྲལ་བ་རྣམས་བསྒྲལ་བ། ཤེས་སྒྲིབ་ལས་མ་གྲོལ་བ་རྣམས་གྲོལ་བ། སྡུག་བསྔལ་གྱི་སྡུག་བསྔལ་གྱིས་དབུགས་མ་ཕྱིན་པ་ཞེས་སྦྱོར་བ་ནི་རྗེའི་རྩ་ལྟུང་རྣམ་བཤད་དང་བྱང་ཆུབ་གཞུང་ལམ་ལས་གསུངས་པར་བཤད་ཅིང་། ཡང་ན། རྗེ་སྒམ་པོ་བས། ངན་སོང་གི་སྡུག་བསྔལ་ལས་མ་བསྒྲལ་བ་རྣམས་དེ་ལས་བསྒྲལ་བ་དང༌། ཉོན་མོངས་པའི་འཆིང་བའི་ལྕགས་སྒྲོག་ལྟ་བུ་ལས་མ་གྲོལ་བ་རྣམས་དེ་ལས་གྲོལ་བ་དང༌། ཉན་རང་གི་ཐེག་པ་ཆེན་པོར་དབུགས་མ་ཕྱིན་པ་ཐེག་པ་ཆེན་པོར་དབུགས་དབྱུང་བ་དང༌། བྱང་ཆུབ་སེམས་དཔའ་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །ཞེས་པའི་དོན་དུ་གསུངས་སོ། །ཡང་། ངན་སོང་གི་སྡུག་བསྔལ་ལས་མ་བསྒྲལ་བ་དང་། བདེ་འགྲོའི་སྡུག་བསྔལ་ལས་མ་གྲོལ་བ་དང་། སྒྲིབ་གཉིས་ལས་དབུགས་མ་ཕྱིན་པ་ཞེས་སྦྱོར་བ་དང་། སྡུག་བསྔལ་གྱི་སྡུག་བསྔལ་ལས་མ་བསྒྲལ་བ་དང་། འགྱུར་བའི་སྡུག་བསྔལ་ལས་མ་གྲོལ་བ་དང་། འདུ་བྱེད་ཀྱི་སྡུག་བསྔལ་གྱིས་དབུགས་མ་ཕྱིན་པ་ཞེས་དང་། འཁོར་བ་ལས་མ་བསྒྲལ་བ་དང་། ཉོན་སྒྲིབ་ལས་མ་གྲོལ་བ་དང་། ཤེས་སྒྲིབ་ལས་དབུགས་མ་ཕྱིན་པ་ཞེས་དང་། ཉོན་སྒྲིབ་ལས་མ་བསྒྲལ་བ་དང་། ཤེས་སྒྲིབ་ལས་མ་གྲོལ་བ་དང་། སྙོམས་འཇུག་གི་སྒྲིབ་པ་ལས་དབུགས་མ་ཕྱིན་པ་ཞེས་པའི་ཚུལ་གསུམ་དང་། གསུམ་པོ་དེ་དག་ལས་ལྡོག་སྟེ་སྦྱོར་ཚུལ་གསུམ་དང་། དཀྲུགས་ཏེ་སྦྱོར་ཚུལ་གསུམ་སོགས་མཁས་པའི་བཤད་ཚུལ་ཤིན་ཏུ་མང་བར་སྣང་ངོ་། །