From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མ་མོ
|
Tibetan Definition
|
6 ཆོས་མངོན་པའི་གཞུང་གི་མིང་སྟེ། དེ་ལ་མ་མོ་ཞེས་པ་ནི་མདོ་སྡེ་དང་འདུལ་བའི་སྡེ་སྣོད་དག་གི་མ་ལྟ་བུའི་གནས་ཡིན་པས་མ་མོ་ཞེས་བྱའོ། །ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། མ་མོའི་སྒྲས་ནི་ཆོས་མངོན་པ་བརྗོད་པ་ཡིན་ཏེ། མདོ་སྡེ་དང་འདུལ་བའི་སྡེ་སྣོད་དག་གི་མ་ལྟ་བུའི་གནས་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༢༥ན༤ལས། མ་མོ་ཞེས་བྱ་བ་ནི་མདོ་སྡེ་དང་འདུལ་བ་གཉིས་ཀྱི་དོན་དང་དོན་མ་ཡིན་པ་སྟོན་པས་མ་དང་འདྲ་བའི་རྣམ་པར་བཤད་པར་གྱུར་པར་བསྟན་བཅོས་ཆོས་མངོན་པ་ཡིན་ནོ། །ཞེས་གསུངས་སོ། །
|