6211

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་མོ་བདུན
Tibetan Definition ཕྱི་རོལ་པ་ལ་གྲགས་པའི་མ་མོའམ་ལྷ་མོ་བདུན་ནི། སྔོན་ལྷ་མ་ཡིན་རུ་རུ་དང་དབང་ཕྱུག་འཐབ་པ་ན་དབང་ཕྱུག་གི་རྡུལ་ས་ལ་ལྷུང་བ་ལས་ལྷ་མོ་བདུན་དུ་གྱུར་པ་ནི། ཚངས་མ། དབང་མོ། ཁྱབ་འཇུག་མོ། ཕག་མོ། དྲག་མོ། ལུས་ངན་མོ། གཞོན་ནུ་མ་སྟེ་བདུན་ནོ། །མངོན་བརྗོད་མཁས་པའི་རྣ་རྒྱན་ལས། ཚངས་མ་དབང་མོ་ཁྱབ་འཇུག་མ། །ཕག་མོ་དྲག་མོ་ལུས་ངན་མོ། །གཞོན་ནུ་མ་སྡེ་དབང་ཕྱུག་གི། རྡུལ་ལས་སྐྱེས་པའི་མ་མོ་བདུན། །ཞེས་གསུངས་པ་ལྟར་རོ། །རྗེའི་འགྲེལ་པ་བཞི་སྦྲགས་ལས་ཀྱང་། འཇིག་རྟེན་གྱི་ལྷ་མོ་བདུན་ནི། ཚངས་པ་མོ་ཚངས་པའི་ཆུང་མ། ཁྱབ་འཇུག་མོ་ཁྱབ་འཇུག་གི་ཆུང་མ། དྲག་མོ་དྲག་པོ་དབང་ཕྱུག་གི་ཆུང་མ། དབང་མོ་བརྒྱ་བྱིན་གྱི་ཆུང་མ། གཞོན་ནུ་མ་གཞོན་ནུ་གདོང་དྲུག་གི་ཆུང་མ། ཕག་མོ། རྒན་བྱེད་མ་དང་བདུན་ནོ། །ཞེས་གསུངས་སོ། །