6232

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་རྒྱུད
Tibetan Definition འོད་གསལ་གཙོ་བོར་སྟོན་པའི་རྒྱུད་ལ་ཟེར། ཞིབ་ཏུ་བཤད་ན། ཀུནྡ་ལྟ་བུའི་བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་ནོར་བུའི་བར་དུ་བྱུང་བའི་ཡས་བབས་དང༌། དེ་ནས་སྤྱི་གཙུག་ཏུ་ལོག་པའི་མས་བརྟན་གྱི་དགའ་བ་བཞི་སྐྱེ་ཚུལ་དང༌། ཕྱག་རྒྱ་ཆེན་པོ་ལྷ་ཅིག་སྐྱེས་པའི་བདེ་བ་དང་སྟོང་པ་གཉིས་དབྱེར་མི་ཕྱེད་པར་སྦྱོར་བའི་སྒོ་ནས་དོན་དམ་པའི་དེ་ཁོ་ན་ཉིད་ལ་རབ་ཏུ་འཇུག་པའི་རྟོགས་པ་གོང་ནས་གོང་དུ་བགྲོད་པའི་རིམ་པ་གཙོ་བོར་སྟོན་ཞིང༌། བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་བཞོན་པའི་རླུང་འོད་ཟེར་ལྔ་ལས་ཀུན་རྫོབ་སྒྱུ་མའི་སྐུ་སྒྲུབ་ཚུལ་གཙོ་བོར་མི་སྟོན་པ་ནི་རྣལ་འབྱོར་མའི་རྒྱུད་ཅེས་བྱ་སྟེ། ལྷན་སྐྱེས་ཀྱི་ཤེར་ཕྱིན་ཆོས་སྐུ་སྒྲུབ་པའི་ཐབས་འདི་ནི་བདེ་སྟོང་དབྱེར་མེད་དུ་སྦྱོར་བའི་རྣལ་འབྱོར་ཡང་ཡིན་ལ། གཙོ་བོར་ཆོས་ཀྱི་སྐུའི་སྒྲུབ་བྱེད་སྟོང་ཕྱོགས་ཤེས་རབ་ཀྱི་ཆ་ཡིན་པས་མ་ཞེས་ཀྱང་བརྗོད་པའི་ཕྱིར་རོ། །ཞེས་རྗེའི་རིམ་ལྔ་གསལ་སྒྲོན་ན་གསལ་བ་ལྟར་རོ། །མཚན་གཞི་ནི། བདེ་མཆོག ཀྱེ་རྡོར། དུས་ཀྱི་འཁོར་ལོ་ལྟ་བུའོ། །མ་རྒྱུད་ལ་དུང་ཕྱུར་གཅིག་དང་བྱེ་བ་ཕྲག་དྲུག་ཡོད་པར་གསུངས་ཏེ། རྗེའི་བདེ་མཆོག་གི་རྫོགས་རིམ་རྣམ་བཤད་དངོས་གྲུབ་སྙེ་མ་༦༡ན༣ལས། ཁྱད་པར་རྣལ་འབྱོར་མ་ཡི་རྒྱུད། །དུང་ཕྱུར་གཅིག་དང་བྱེ་བ་ཕྲག་དྲུག་གསུངས། །ཞེས་གསུངས་སོ། །