6236

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་ལ
Tibetan Definition (འདུལ་བ) 1 ཐེ་ཚོམ་ཟ་བ་སྟོན་པའི་ཚིག་ཅིག འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༡༣ ན༧ལས། མ་ལ་ཞེས་བྱ་བ་ནི་དོན་འདི་ལ་སོགས་པར་འཇུག་སྲིད་པ་བསྟན་ཏོ། །ཞེས་གསུངས་པ་ལྟར་རོ། །2 འཕྲལ་དུའམ། མྱུར་དུ། གློ་བུར་དུ། དེ་མ་ཐག་ཏུ་ཞེས་བྱ་བའི་དོན་ནོ། །འདུལ་བ་ལུང་གཞི་ལས། བྱང་ཆུབ་སེམས་དཔས་དགོངས་པ། གྲོང་ཁྱེར་སེར་སྐྱའི་གཞི་ཉེའོ། །འདིར་གནས་པ་ནི་རུང་བ་མ་ཡིན་ཏེ། ཤཱཀྱ་རྣམས་ཀྱིས་གྲོང་གི་འཁྲུག་པ་བྱེད་པར་འགྱུར་གྱིས། མ་ལ་བདག་གང་གཱ་རྒལ་ལོ་སྙམ་ནས་དེ་གངྒཱ་རྒལ་ནས་མཐར་གྱིས་རྒྱུ་ཞིང་གཤེགས་པ་དང་རྒྱལ་པོའི་ཁབ་ཏུ་བྱོན་ཏོ། །ཞེས་གསུངས་པ་ལྟར་རོ། །3 ཀྱེ་ཧུད་ཅེས་པའི་དོན། བསྟན་དར་ལྷ་རམས་པས། མ་ལ་ནི་ཀྱེ་ཧུད་ཅེས་བཤད།