6237
Jump to navigation
Jump to search
མ་ལ་ཡཱ | |
Tibetan Definition | <ཏ་མིལ་གྱི་སྐད> 1 རྒྱ་གར་ལྷོ་ཕྱོགས་ཀྱི་མི་རིགས་ཏ་མིལ་གྱི་སྐད་ལ་རི་སྤྱིའི་མིང༌། 2 སྙན་ངག་ལ་གྲགས་ཆེ་བའི་མ་ལ་ཡཱ་ཞེས་པ་རྒྱ་གར་ལྷོ་ཕྱོགས་ལ་ཡོད་པའི་སྨན་རི་ཁྱད་དུ་འཕགས་པ་ཞིག་ལ་ངོས་འཛིན་བྱེད། སིངྒ་ལའི་ཡུལ་གྱི་ཀལུ་གངྒཱ་འབབ་པའི་ནུབ་ཕྱོགས་ཀྱི་ཆ་རྣམས་ལ་མ་ལ་ཡཱ་སྟེ་རིའི་ཡུལ་ཞེས་གྲགས། དེའི་ཕྱིར་དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཀྱིས་མ་ལ་ཡཱ་སིངྒ་ལ་ན་ཡོད་པར་གསུངས་པའང་འདི་ལ་ཟེར། ཞེས་དགེ་འདུན་ཆོས་འཕེལ་གསུང༌། |
---|