6265

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁན་སློབ་ཆོས་གསུམ་གྱིས་བསམ་ཡས་བསྲུང་བར་བཞག་པའི་སྲུང་མ
Tibetan Definition རྒྱལ་པོ་སྐུ་ལྔ། ཡུམ་ལྔ། བློན་པོ་ལྔ། རུ་འདྲེན་ལྔ། བཤན་པ་ཡང་ལེ་ཝེར་རམ་གནོད་སྦྱིན་ཙིའུ་དམར་པོ་རྣམས་སོ། །རྒྱལ་པོ་སྐུ་ལྔ་ནི། སྐུ་མོན་བུ་བུ་ཊ། གསུང་དགྲ་ལྷ་སྐྱེས་གཅིག ཐུགས་བརྒྱ་བྱིན་རྒྱལ་པོ། ཡོན་ཏན་གནོད་སྦྱིན་ཤིང་བྱ། འཕྲིན་ལས་དཔེ་ཧར་རྒྱལ་པོ་དང་ལྔའོ། །ཡུམ་ལྔ་ནི། སྐུ་བདུད་མོ་རོ་ལངས། གསུང་མཛེས་བྱེད་པདྨ་སྐྱེས། ཐུགས་ཤན་ཏིང་རོ་ཟན། ཡོན་ཏན་གསེར་གྱི་སྤུ་གྲི་མ། འཕྲིན་ལས་བདུད་བཟང་སྨིན་དཀར་བཅས་སོ། །བློན་པོ་ལྔ་ནི། སྐུ་བྱ་ཁྲིད་སྤྱན་གཅིག (འདི་བྱ་རུ) གསུང་རྡོ་རྗེ་གྲགས་ལྡན། (འདི་གནས་ཆུང) ཐུགས་བཀའ་ཡི་བྱ་ར་བ། ཡོན་ཏན་བྱ་རྒོད་ཐང་ནག (འདི་སྐྱོར་ལུང་ཆོས་སྐྱོང) འཕྲིན་ལས་པུ་ཏྲ་ནག་པོ། (འདི་ཐ་འོག་ཡིན་ཟེར་བས་བརྟག་པར་བྱ) ཞེས་ཀློང་རྡོལ་བླ་མ་གསུང་། རུ་འདྲེན་ལྔའི་གྲངས་འདྲེན་དེ་རུ་མི་གསལ་འདུག་པས་དཔྱད་པར་འཚལ་ལོ། །