6287

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁས་གྲུབ་ཁྱུང་པོ་རྣལ་འབྱོར
Tibetan Definition བཀའ་བརྒྱུད་པ་ལ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལས་བརྒྱུད་པ་ཤངས་པ་བཀའ་བརྒྱུད་དང་། མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་དང་དྭགས་པོ་ལྷ་རྗེ་ནས་བརྒྱུད་པའི་དྭགས་པོ་བཀའ་བརྒྱུད་གཉིས་ཡོད་པ་ལས། ཤངས་པ་བཀའ་བརྒྱུད་ཀྱི་སྲོལ་གཏོད་པ་པོ། ཕྱི་ལོ་༩༧༨ལོར་སྙེ་མོ་ར་མངས་སུ་ཡབ་སྟག་སྐྱེས་དང་། ཡུམ་བཀྲ་ཤིས་སྐྱིད་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཕྱི་ལོ་༡༡༢༧ལོར་སྐུ་གཤེགས། མཁས་གྲུབ་ཆེན་པོ་འདི་ཐོག་མར་བོན་དང་། དེ་ནས་རྙིང་མ། དེ་ནས་གསང་སྔགས་གསར་མར་ཞུགས་པ་གསུངས་ཏེ། ཕ་བོང་ཁ་པ་བདེ་ཆེན་སྙིང་པོའི་མདོ་སྔགས་ཀྱི་དྲིས་ལན་༡༡བ༢ལས། སྔོན་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཀྱང་དང་པོ་བོན། དེ་ནས་བོན་བཞག་སྟེ་རྙིང་མ། དེ་ནས་རྙིང་མ་སྟེ་སྔགས་གསར་མ་མཛད་པ་རྣམ་ཐར་ན་གསལ། ཞེས་གསལ།