6293

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་གསུང་འབུམ་དཀར་ཆག
Tibetan Definition དབེན་ས་པའི་སློབ་མ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་གསུང་འབུམ་ནི། ༼ ཀ་པར ༽རྒྱལ་བ་བློ་བཟང་དོན་གྲུབ་ལ་བསྟོད་པ། ༼ ཁ་པར ༽རྒྱལ་བ་བློ་བཟང་གྲགས་པའི་ཕྱི་ནང་གསང་གསུམ་གྱི་སྒྲུབ་ཐབས་འདོད་དགུའི་ཆར་འབེབས་ཡིད་བཞིན་ནོར་བུ། ༼ ག ༽བླ་མ་མཆོད་པའི་ཆོ་ག་དངོས་གྲུབ་ཀུན་འབྱུང༌། ཡང་བླ་མ་མཆོད་པ་བསྡུས་པ་དངོས་གྲུབ་ཀུན་འབྱུང༌། ང་ཟབ་ལམ་བླ་མའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང་དུ་གྲགས་པ་དབོན་ཆོས་ལེགས་ཚོགས་ལྷུན་གྲུབ་ཀྱིས་ཞུས་པ། ༼ ཅ ༽བླ་མའི་རྣལ་འབྱོར་གྱི་སྒོ་ནས་བསྐྱེད་རྫོགས་ཀྱི་སྙིང་པོ་ཉམས་སུ་ལེན་ཚུལ། ༼ ཆ ༽ཟབ་ལམ་ཐེག་ཆེན་ཐུན་མོང་བའི་བླ་མ་ལྷའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་ཞལ་ཤེས་ཀྱིས་བརྒྱན་པ། ༼ ཇ ༽ཐེག་པ་ཆེན་པོའི་བླ་མའི་རྣལ་འབྱོར་ཟབ་པ། ༼ ཉ ༽དགེ་ཚུལ་མ་བསོད་ནམས་སྒྲོལ་མ་ལ་གནང་བའི་བླ་མའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང༌། ༼ ཏ ༽བྱང་ཆུབ་ལམ་རིམ་གྱི་བླ་མའི་རྣལ་འབྱོར་གྱི་སྙིང་པོ། ༼ཐ༽བླ་མའི་རྣལ་འབྱོར་ལ་སོགས་པ་དུ་མའི་ཟུར་འདེབས་དང་མགོན་པོའི་ཧཱུྂ་དྲུག་དམིགས་སྐོར་ཟིན་བྲིས།༼ ད ༽ རྗེ་ཙོང་ཁ་པ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་སྙིང་པོ་བསྡུས་པ་དང༌། བསྟོད་པ་འགའ་ཞིག་ཡོད། ༼ ན ༽ཡང་རང་གཞན་ལ་གདམས་པ། གསོལ་འདེབས་གསུང་མགུར་དང་བཅས་པ༼ པ  ༽རྗེ་བཙུན་འཇམ་དབྱངས་ཀྱི་སྒྲུབ་ཐབས། བདེན་གཉིས་རྣམ་འབྱེད་ཀྱི་མཆོག་སྦྱིན་དང༌། སྨན་པའི་རྒྱལ་པོའི་སྒྲུབ་ཐབས། ༼ ཕ ༽བླ་མ་ལྷ་འཇིགས་བྱེད་ཀྱི་རྣལ་འབྱོར་ཉམས་སུ་ལེན་ཚུལ་རྒྱས་པ། ༼ བ ༽ཡང་བླ་མ་འཇིགས་བྱེད་ཀྱི་རྣལ་འབྱོར་དེ་ལས་ཅུང་ཟད་བསྡུས་པ། ༼ མ ༽དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་བདུད་ལས་རྣམ་པར་རྒྱལ་བ་ངག་འདོན་གྱི་རིམ་པར་བསྒྲིགས་པ། ཚོགས་འཁོར་གྱི་ཆོ་ག་དངོས་གྲུབ་ཀུན་འབྱུང༌། ༼ ཇ ༽ མཆོད། ཙ་བླ་མ་ལྷ་རྟ་མགྲིན་གྱི་རྣལ་འབྱོར་ཉམས་སུ་ལེན་ཚུལ་རྒྱས་བསྡུས་གཉིས། ཚེ་ཁྲིད་བསྡུས་པ་ཚིགས་བཅད་མ་དང༌། དེའི་བླ་བརྒྱུད་གསོལ་འདེབས། བྱེ་མདའ་ནས་ལ་གདམས་པའི་ཚེ་སྒྲུབ་དང༌། ཡེ་ཤེས་ཁྱུང་ཁྲའི་སྒྲུབ་ཐབས། ཚ་ལམ་རིམ་གྱི་སྐྱེས་བུ་ཆུང་ངུའི་དམིགས་སྐོར་ཟིན་བྲིས། ༼ ཛ ༽ལམ་རིམ་གྱི་ཁྲིད་དངོས་གྲུབ་ཀུན་འབྱུང༌། ༼ ཞ ༽བློ་སྦྱོང་དོན་བདུན་མའི་ཁྲིད། ༼ ཟ ༽ཐབས་ཤེས་ཀྱི་གཅོད་བདེ་ཆེན་ལམ་གྱི་སྙིང་པོ། ༼ འ ༽དབུ་མའི་ཟིན་བྲིས། ༼ ཡ ༽བདེ་ཆེན་ལམ་གྱི་སྙིང་པོ་དོན་གཉིས་རྣམ་པར་བཤད་པ་དངོས་གྲུབ་ཀུན་འབྱུང་སོགས་མན་ངག་ཟུར་འདེབས་ཚན་པ་བཅུ་གསུམ། ༼ ར ༽ལྟ་བའི་གནད་སྟོན་པ་པོ་རྒྱ་བོད་ཀྱི་བླ་མའི་གསུང་འབྲུ་སྣོན་དང་བཅས་པ། ༼ ར ༽གཞི་ལམ་འབྲས་བུའི་དཀའ་གནད་ལ་དྲི་བ་དང༌། དེའི་ལན་རང་ཉིད་ཀྱིས་མཛད་པ། ༼ ལ ༽ རྗེ་བཀྲ་ཤིས་རིན་ཆེན་པའི་དྲིས་ལན། དྲིས་ལན་ལེགས་པར་བཤད་པ་ཉིན་མོར་བྱེད་པའི་དཔལ། ས་ཚེ་དབང་བསྐུར་ཚུལ། ཕྱག་རྡོར་གཏུམ་པོ་ཁྱུང་ལྔའི་རྗེས་གནང་བྱེད་ཚུལ། ༼ ཧ ༽སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གྱི་རྗེས་གནང༌། ༼ ཨ ༽ ཐེག་ཆེན་གསོ་སྦྱོང་གྱི་སྡོམ་པ་ལེན་ཚུལ་མན་ངག་གིས་བརྒྱན་པ། ༼ ཊ ༽བསྙུང་གནས་ཀྱི་ཆོ་ག་དངོས་གྲུབ་ཀུན་འབྱུང༌། ༼ ཋ ༽ སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང༌། ༼ ཌ ༽གཏོར་མའི་སྙིང་པོའི་ཆོ་ག་དངོས་གྲུབ་ཀུན་འབྱུང༌། ༼ ཎ ༽བླ་མ་ལྷ་སྲུང་ལ་མཆོད་གཏོར་འབུལ་ཚུལ་བདུད་ལས་རྣམ་པར་རྒྱལ་བ། ལྟུང་བ་བཤགས་པའི་ཊཱི་ཀ། ༼ དྷ ༽ དམ་ཅན་ཆོས་ཀྱི་རྒྱལ་པོའི་སྒྲུབ་ཐབས་རྣམས་བཞུགས་སོ། །