6297

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁས་པ་དག་གིས་ཡོངས་བཀང་སྟེ་ཞེས་སོགས
Tibetan Definition ཞིང་འདིར་འཁོར་ལོ་རིན་པོ་ཆེ། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་དབུལ། །ཞེས་པའི་མཁས་པ་ཞེས་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག་པ་ལ་མཁས་པས་ན་མཁས་པ་ཞེས་བརྗོད་དེ། རྗེའི་འགྲེལ་པ་བཞི་སྦྲགས་ལས། མཁས་པ་སྟེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག་པ་ལ་མཁས་པས་ཉིན་རེ་བཞིན་དབུལ་བར་བྱའོ། །ཞེས་གསུངས།