6298

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁས་པ་སྒོ་དྲུག
Tibetan Definition སྔར་རྒྱ་གར་གྱི་ཝི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་མུ་སྟེགས་པ་ལ་སོགས་པའི་རྒོལ་བའི་རིགས་པ་དང་ནུས་པས་སྲུང་བ་བོ་སྟེ། ༡ དེའང་ཤར་སྒོ་སྲུང་བ་རྩོད་ལྡན་དུས་ཀྱི་ཐམས་ཅད་མཁྱེན་པ་ཤནྟཱི་པ། ༢ ལྷོ་ཕྱོགས་ཀྱི་སྒོ་སྲུང་བ་ཤེས་རབ་འབྱུང་གནས། ༣ ནུབ་ཕྱོགས་ཀྱི་སྒོ་སྲུང་བ་ངག་གི་དབང་ཕྱུག་གྲགས་པ། ༤ བྱང་སྒོ་སྲུང་བ་ནཱ་རོ་པ། ༥ དབུས་ཀྱི་ཀ་ཆེན་དང་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ་དང་། ༦ གཉིས་པ་ཛྙཱ་ན་ཤྲཱི་མི་ཏྲ་རྣམས་སོ། །མཁས་པ་དེ་དག་མདོ་སྔགས་ཀྱི་བསྟན་བཅོས་མང་པོ་རྩོམ་པ་པོ་དང་། ཆེས་ངོ་མཚར་བའི་མཛད་པ་མང་པོས་དེ་སྐབས་ཀྱི་སྐྱེ་བོ་དག་ཆོས་ལ་བཙུད་དེ་བདེ་བར་གཤེགས་པའི་བསྟན་པ་སྤྱི་དང་། ཁྱད་པར་ཐེག་པ་ཆེན་པོའི་བསྟན་པ་ཉི་མ་ལྟར་གསལ་བར་མཛད་པ་ཡིན་ནོ། །