6300

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁས་པའི་དམིགས་པ
Tibetan Definition རྣལ་འབྱོར་པའི་དམིགས་པའི་བཞིའི་གསུམ་པ་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་འབྲེལ་དང་གནས་དང་གནས་མ་ཡིན་པ་ལ་མཁས་པའོ། །འདི་དག་ལ་མཁས་པའི་དམིགས་པ་ཞེས་པའི་རྒྱུ་མཚན་ནི། འདི་དག་བསྒོམས་པས་མཁས་པར་འགྱུར་བ་ལ་དགོངས་ནས་དེ་ལྟར་གསུངས་པ་ཡིན་གྱི། ད་ལྟ་འདི་དག་སྒོམ་པ་པོའི་གང་ཟག་དེ་ནི་གཏི་མུག་ཤས་ཆེ་བ་ཡིན་གྱི་མཁས་པ་མ་ཡིན་ནོ། །མཁས་པའི་དམིགས་པ་ལྔ་ལ་མཁས་ཚུལ་ནི། ཕུང་པོ་ལྔའི་སྟེང་དུ་དེ་ལྔ་པོ་དེར་མ་གཏོགས་པའི་བདག་ཡོད་པ་འགོག་པ་དང་། དེ་ལ་མེད་ཀྱང་ཁམས་བཅོ་བརྒྱད་ཀྱི་རྒྱུའི་ཁྲོད་ན་རང་དབང་བའི་བདག་ཡོད་དམ་སྙམ་པ་ལ། མིག་ལ་སོགས་པའི་ཁམས་རྣམས་རང་རང་གི་ས་བོན་ལས་བྱུང་བ་ཡིན་གྱི། དེ་ལས་དོན་གཞན་པའི་བདག་མེད་པར་ཤེས་པ་དང་། དེ་ལྟར་མེད་ཀྱང་རྐྱེན་གྱི་ཁྲོད་ན་བདག་ཡོད་དམ་སྙམ་པ་ལ་མིག་སོགས་སྐྱེ་མཆེད་བཅུ་གཉིས་པོ་རྣམས་ཀྱིས་རྐྱེན་གསུམ་གྱི་རྣམ་གཞག་ཤེས་ན་དེ་ལས་དོན་གཞན་པའི་བདག་མེད་པར་ཤེས་པ་དང་། དེ་བཞིན་དུ་རྟེན་འབྲེལ་བཅུ་གཉིས་ལ་མི་རྟག་སྡུག་བསྔལ་སོགས་སུ་ཤེས་ཀྱི། གང་ཟག་གི་བདག་ཏུ་མེད་པ་དང་རྒྱུ་དགེ་སྡིག་ལས་འབྲས་བུ་བདེ་སྡུག་འབྱུང་གི་དེ་ལས་དོན་གཞན་པའི་གང་ཟག་གི་བདག་མེད་པར་ཤེས་ནས་དེ་དག་ལ་སེམས་འཛིན་པ་ལ་དེ་དག་ལ་མཁས་པ་ཞེས་བྱའོ། །རྒྱས་པར་རྗེའི་བྱང་ཆུབ་ལམ་རིམ་ཆེན་མོ་ལ་ཤེས་པར་བྱའོ། །