From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མཁས་བཙུན་བཟང་གསུམ
|
Tibetan Definition
|
རྒྱལ་བའི་གསུང་རབ་ལ་གྲོལ་བ་དོན་གཉེར་གྱི་བསམ་པས་ཐོས་པ་ (དང་བསམ་པ) རྒྱ་ཆེན་པོ་བཙལ་བས་ན་མཁས་པ། ཐོས་པ་ཐོས་རྐྱང་དུ་མ་སོང་བར་ཐོས་དོན་ (སྒོམ་པའམ་བསྒོམས་བྱུང་གི་བློས) རང་རྒྱུད་ལ་སྦྱར་བས་བཙུན་པ། དེ་ལྟར་རྒྱལ་བའི་གསུང་རབ་ལ་ཐོས་བསམ་སྒོམ་གསུམ་བྱེད་པའི་དགེ་རྩ་ཇི་ཡོད་གཞན་དོན་འབའ་ཞིག་ཏུ་བསྔོ་བས་བཟང་པོ་ཞེས་བྱའོ། །རྗེ་གུང་ཐང་པས། མང་དུ་ཐོས་པ་རྒྱ་ཆེར་བཙལ་བས་མཁས། །ཐོས་དོན་ཇི་བཞིན་རྒྱུད་ལ་སྦྱར་བས་བཙུན། །ཀུན་ཀྱང་བསྟན་འགྲོའི་དོན་དུ་བསྔོ་བས་བཟང་། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་གསུངས་པ་ལྟར་རོ། །
|