632

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲི་གདུགས
Tibetan Definition (བརྡ་རྙིང) ཉི་མའི་མིང་གི་རྣམ་གྲངས་ཤིག སྒྲ་བཤད་ནི། ཁྲི་ནི་མང་པོའི་དོན་དང་གདུགས་ནི་འདིར་ཉི་མའི་བརྡ་རྙིང་ཡིན་པས། མང་པོའམ་སྤྱིའམ་ཐུན་མོང་གི་ཉི་མ་ཞེས་པ་ལྟ་བུའི་དོན་ནོ། །གདུགས་ཞེས་པ་ཉི་མ་ལ་འཇུག་པ་ནི། བརྒྱ་ལྔ་བཅུ་པ་ལམ་རིམ་དུ་དྲངས་པ་ལས། ཡང་དང་ཡང་དུ་མི་ཤེས་པའི། །རབ་རིབ་འཇོམས་པས་གདུགས་དང་འདྲ། །ཞེས་གསུངས་པ་ལྟ་བུ། བརྒྱ་དང་སྟོང་དང་ཁྲི་དང་འབུམ་ཞེས་པ་གྲངས་ངེས་བཟུང་གི་ཚིག་ལ་མི་གོ་བར་མང་པོ་ཙམ་གྱི་དོན་ལ་འཇུག་པའི་སྐབས་ཀྱང་མང་དུ་ཡོད་དེ། དཔེར་ན་ཉི་མ་ལ་འོད་སྟོང་ཅན་ཟེར་བ་ལྟ་བུའོ། །ཁྲི་གདུགས་ཞེས་པ་ཉི་མའི་མིང་གི་རྣམ་གྲངས་ཡིན་པར་དངུལ་ཆུའི་གསུང་དྲིས་ལན་དུ་གསལ་ལོ། །