6340

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མགོ་བཅའ
Tibetan Definition མགོ་སྣོན་བྱེད་པའམ་དབང་ཡོད་ཤོད་པའམ་དབང་སྒྱུར་བྱེད་པའི་དོན་ཡིན་པར་སྙམ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་རང་རྣམ་༧༥ལས། དཔེ་མང་པོ་བགྲང་ནས་ཁྱོད་རང་ཚོ་ནར་སོན་དུས་དེ་འདྲ་བྱེད་འོང་ཟེར་ནས་” མགོ་བཅའ” ་ཤ་སྟག་བྱེད་པ་༼ ཕ་ཡར ༽ཞིག་ཡོད་པ་དེ་སྐབས་ནི་སེམས་ཤིན་ཏུ་གནོད། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་རང་རྣམ་༢༤༠ལས། གྲྭ་པའང་རང་ལས་དྲག་པ་ཞིག་ཡོད་ན་མགོ་བཅའ་ཚུར་ལ་བྱེད། རང་ལས་གཞན་པས་ནི་རྐུན་རྫུན་སོགས་མགོ་མི་ཐོན། རང་མཉམ་རྣམས་ཀྱང་དུས་དབང་གིས་ངོ་ལྐོག་མི་ཐུབ་པ་དང་ཡུན་རིང་འགྲོགས་ཐུབ་ཀྱི་བརྟན་པོ་མི་རྙེད་འདུག་པས། གྲྭ་པའི་རྩོལ་བ་མ་བྱས་པར་མ་རྒན་མེད་ཕྱིན་ཚ་མོ་འདི་ལ་དེ་ཚབ་བཅོལ་བ་ཡིན། ཞེས་གསུངས་པ་ལྟ་བུ།